KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

ནཱ་རོ་ཆོས་དྲུག་དང་འབྲེལ་བའི་འཁྲུལ་འཁོར་དང་རས་འབུད་ཀྱི་སྐོར།

ནཱ་རོ་ཆོས་དྲུག་ནང་གཏུམ་མོ་སྒོམ་རྒྱུ་ཡོད་ཅིང་། གཏུམ་མོའི་མེ་དབང་ངམ་འཁོར་ལོ་བདེ་མཆོག་གི་དབང་སྔོན་དུ་ཞུ་དགོས། དེ་སྐབས་གོས་དཀར་པོ་མནབ་པའི་ལུགས་སྲོལ་ཡོད། གཏུམ་མོའི་ཉམས་ལེན་ནི་གྲང་ངར་ལ་འཇིགས་སྐྲག་མེད་པའི་ཉམས་ལེན་མཚོན་དོན་ཡིན། གཏུམ་མོའི་ཉམས་ལེན་པ་ཚོས་རས་གོས་གྱོན་པའི་ལམ་སྲོལ་ཡོད་ཅིང་། བོད་དུ་རྗེ་མི་ལ་ནས་དར་ཏེ་དེ་མཇུག་རས་པའི་རྒྱུན་རླབས་ཆེར་འཕེལ། རས་དཀར་གྱོན་པ་པོ་རྣམས་ལ་རས་པ་ཞེེས་བརྗོད་ཅིང་། རས་དཀར་མནབ་པ་བཀའ་བརྒྱུད་པ་ལ་ཤས་ཆེ་ཡང་རྗེ་སྒམ་པོ་པ་རབ་བྱུང་ཡིན་པས་རྒྱུན་དུ་ངུར་སྨྲིག་གི་གོས་ཀླུབས་པ་ལས་རསདཀར་མི་བཞེས། འོན་ཏང་གཏུམ་མོའི་ཉམས་ལེན་གྱི་དུས་སུ་སྐབས་རེ་རས་གོས་དཀར་པོའང་མནབ་སྲོལ་ཡོད། དེར་བརྟེན་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་གོས་དཀར་པོ་མནབ་སྟེ་གཤེགས་སྲོལ་ཡོད། དེ་ནི་ཚེས་བཅུ་བཞིར་སྒྲ་བསྒྱུར་གྱི་རྒྱལ་པོ་རྗེ་མར་པ་དང་ཚེས་བཅོ་ལྔར་གངས་ཅན་གྲུབ་པའི་རྒྱན་གཅིག་རྗེ་བཙུན་མི་ལ་རས་པའི་འདས་མཆོད་མཚོན་བཞིན་ཡོད། གོང་གསལ་དུས་ཡུན་དེ་ཉིད་དུ་གདན་ས་རུམ་བཏེག་གི་སྒྲུབ་ཁང་གསར་པ་ཡིད་འོང་བསམ་གཏན་ཆོས་གླིང་དང། དེ་བཞིན་དཔལ་ཆེན་ཆོས་གླིང་གི་སྒྲུབ་ཐོན་པ་རྣམས་ཀྱིས་རས་འབུད་ཀྱི་རྒྱུན་མུ་མཐུད་སྐྱོང་བཞིན་པ་དང་། བོད་ཀྱི་དགོན་པ་འགའ་ཤས་ནང་རས་ཆུར་སྦངས་ཤིང་རློན་པ་བཟོས་ཏེ་ཕེབས་སྲོལ་ཡོད། དེ་བཞིན་སྐྱོ་བྲག་དགོན་དུ་སྔར་ཡོད་ཀྱང་ཕྱིས་སུ་མེད་པ་ནི། བོད་དུ་གྲང་ངར་ཆེ་བའི་རྒྱུ་མཚན་གྱིས་ཡིན་ཤས་ཆེ། 

སྒྲུབ་བླ་རྣམས་རས་ཆོད་དུ་ཕེབས་སྐབས་སྒོམ་ཞྭ་ཞྭ་ཁྲ་དང་། རས་གཟན། འབེབས་གདན་བཅས་ནི་མཚུར་ཕུ་བླ་བྲང་གི་ངོས་ནས་གྲ་སྒྲིག་མཛད་ཡོད་པ་དང་། ཨང་འགའ་རག་དང། སྒོམ་ཐག་སོགས་ནི་སྒྲུབ་བླ་རང་་ངོས་ནས་ཐབས་འཚོལ་བགྱིད་དགོས།

སྒྲུབ་བླ་རྣམས་འཁྲུལ་འཁོར་མཛད་སྐབས་སུ་སུས་ཀྱང་ལྟ་མི་ཆོག་པ་ཡིན། སྤྱིར་གསང་སྔགས་ཞེས་པ་ཆེས་གསང་བ་ཡིན་པ་དང་། གལ་ཏེ་བལྟས་པ་ཡིན་ཚེ་དེ་དག་ལ་རྨས་སྐྱོན་དང་རྐང་ཆག་དང་ལག་ཆག་སོགས་བར་ཆད་ཡོང་ཉེན་དང་། དེ་བཞིན་ལྟ་མཁན་ཡང་འདྲེན་བྱེད་ལོང་བ་སོགས་ཀྱི་བར་ཆད་སྣ་ཚོགས་པ་འབྱུང་ཉེན་ཆེ། སྤྱིར་འཁྲུལ་འཁོར་སྐབས་གཡོ་འགུལ་ཧ་ཅང་ཆེ་བས་ལྟ་སྙིང་འདོད་པ་ལྟ་བུ་འབྱུང་བཞིན་ཡོད། ནཱ་རོ་ཆོས་དྲུག་གི་ཉམས་ལེན་གྲུབ་སྟེ་ལོ་གྲངས་དྲུག་ཅུ་མན་ཞུགས་དགོས་ལ་རྒྱུ་མཚན་གཉིས་ཡོད། རྒྱུ་མཚན་དང་པོ་ནི། ནཱ་རོ་ཆོས་དྲུག་གི་ཉམས་ལེན་དང་རྒྱུན་དུ་ཁ་མི་བྲལ་བའི་སླད་དང་། རྒྱ་མཚན་གཉིས་པ་ནི། རང་རེ་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་ཡིན་སྟབས་དེ་ཉིད་ཀྱི་ཉམས་ལེན་རྒྱུན་མ་ཆད་པར་མཚོན་བྱེད་ཀྱི་སླད་དུ་ཡིན།                                                                                                                                      

འདི་ལོར་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པར་ཡང་རས་འབུད་ལ་བཞུད་པ་དང་། དེའི་རྒྱབ་ལྗོངས་ནི་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་ལྡན་ཀརྨ་པའི་གྲྭ་རྒྱུད་དུ་གཏོགས་པ་མི་ཉག་རབ་སྒང་པ་རྣམས་ལ་སྨོན་ལམ་ཆོས་འཁོར་སྦྲེལ་མར་བྱ་ཚུལ་གྱི་བཅའ་ཡིག་སྩལ་བའི་ནང་། རས་འབུད་བྱས་ན། ནཱ་རོ་དང་ནི་གུ་ཁྱད་མེད་ཀྱང་། ནཱ་རོའི་ཁྱད་ཆོས་ཡིན་པས། ནཱ་རོའི་ཆོས་དྲུག་གི་སྟེང་དུ་བཤར་རོ། ཞེས་གསལ་བ་ནི། སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་བྱ་བ་ཡིན་ཕྱིར། རང་རེས་ཀྱང་འདི་ལོའི་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པ་ནས་འགོ་འཛུགས་ཀྱིས་ལོ་བསྟར་ཆགས་སུ་བགྱི་རྒྱུ་ཡིན་པར་བརྟེན་། ལོ་གསུམ་ཆོས་གསུམ་གྱི་སྒྲུབ་པ་མཐར་སོན་པ། ནཱ་རོའི་ཆོས་དྲུག་གི་སྒྲུབ་པ་སྔོན་སོང་།སྐྱ་སེར་གཉིས་ལས་སེར་མོ་བ། རབ་བྱུང་ཕོ་མོ་གཉིས་ལས་ཕོ། ལོ་གྲངས་དྲུག་ཅུ་མ་ཟིན་པ་ཐམས་ཅད་དང་། དགོན་སྡེ་སོ་སོའི་སྒྲུབ་དཔོན་བླ་མ་བཅས་གཏེར་སྒར་འདུ་ཁང་ཚོམས་ཆེན་ནང་ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༢ ནས་ཚེས་ ༡༨ བར་ཉིན་བདུན་རིང་སྲོད་ཀྱི་དུས་ཚོད་བརྒྱད་ནས་བཅུ་གཅིག་བར་ནཱ་རོའི་ཆོས་དྲུག་གི་འཁྲུལ་འཁོར་བསྐྱར་སྦྱོང་གྲུབ་སྟེ། སྨོན་ལམ་ཉིན་བདུན་པ་སྟེ། ཐོ་རངས་དུས་ཚོད་ལྔ་པ་ཙམ་སྟེ་རས་འབུད་མ་བཤར་གོང་བླ་མཆོད་སྒྲུབ་པའི་མཆོད་པ་འབུལ་སྐབས་རྟེན་འབྲེལ་སྙིང་པོའི་མགུར་གླུ་གསུངས་མཇུག །༸རྒྱལ་དབང་མཆོག་གི་ཕྱག་རྗེན་པས་སྒྲུབ་བླ་ཡོངས་ལ་བྱིན་རླབས་ཀྱི་རྟེན་འགངས་ཆེན་སྩལ་བར་མཛད། 

ཕྱི་ལོ་ ༢༠༡༧ ཟླ་བ་ ༢ ཚེས་ ༡༩ སྔ་དྲོ་ཉི་ཤར་དུས་ཚོད་བདུན་པའི་ཐོག་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་སྤོས་སྣ་དང་བཅས་སྒྲུབ་བླ་བརྒྱ་ཕྲག་བརྒལ་བ་ནས་སྒོམ་ཞྭ་ཞྭ་ཁྲ་དང་། སྒོམ་ཐག་རས་གོས་བཅས་མནབས་ཏེ་གཏེར་སྒར་འདུ་ཁང་ནས་སྨོན་ལམ་ཆོས་རའི་བར་རས་འབུད་བཤར་བར་མཛད་པ་བཅས་ཀྱི་གནས་ཚུལ་ཆེ་ལོང་དུ།                                                                     བསྟན་འཛིན་རྣམ་རྒྱལ་ནས།

20170219AM_Cotton-clad Procession&Awards given to the cotton-clad lamas