KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
འཕགས་པའི་གནས་བརྟན་བཅུ་དྲུག་དང་བསོད་སྙོམས་རྒྱུ་འབུལ། 

འཕགས་པའི་གནས་བརྟན་བཅུ་དྲུག་དང་བསོད་སྙོམས་རྒྱུ་འབུལ། 

ས་གནས། གཏེར་སྒར་དགོན་དང་། བཀའ་བརྒྱུད་སྨོན་ལམ་ཆོས་ར། 
དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༡༩ ཉིན།

༈ སྔར་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སྒར་ཆེན་སྨོན་ལམ་ཆེན་མོ་ཚོགས་སྐབས་འཕགས་པའི་གནས་བརྟན་བཅུ་དྲུག་གི་ན་བཟའ་དང་སྐུ་འབག་མནབས་ཏེ་བསོད་སྙོམས་སུ་ཕེབས་སྲོལ་ཡོད་པ་ལྟར། ཕྱིས་སུ་ཀརྨ་པ་དགུ་པ་རྗེ་དབང་ཕྱུག་རྡོ་རྗེའི་སྐབས་སུ་སྟོན་པ་གཙོ་འཁོར་གསུམ་ཡང་ཁ་སྐོང་གིས་འཕགས་པའི་གནས་བརྟན་རྣམས་དང་ལྷན་དུ་གཤེགས་པའི་ལམ་སྲོལ་བཏོད། སླར་ཡང་ཕྱི་ལོ་ ༢༠༡༤ ལོར་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་སྔར་སྲོལ་ཉམས་མེད་རྒྱུན་སྐྱོང་ཕྱིར་བཀའ་བརྒྱུད་སྨོན་ལམ་སྐབས་ཀྱི་བསོད་སྙོམས་རྒྱུ་འབུལ་གྱི་ཆ་ཤས་སུ་མཐུད་པར་མཛད།

དེ་ཡང་ཐོག་མར་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདའ་ཁར་གང་གི་ལུང་རྟོགས་ཀྱི་བསྟན་པ་འཕགས་པའི་གནས་བརྟན་བཅུ་དྲུག་ལ་མུ་མཐུད་སྐྱོང་དགོས་པའི་བཀའ་བསྒོས་པ་ཇི་བཞིན་ཇི་སྲིད་རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་གྱི་བར་ཚུལ་བཞིན་སྐྱོང་བའི་དམ་བཅས་པ་ལྟར་གནས་བརྟན་རྣམས་ཀྱིས་ཀྱང་ཡུལ་སོ་སོར་བཞུགས་ཏེ་བསྟན་དོན་རླབས་པོ་ཆེ་མཛད་མུས་ཡིན། 

འཕགས་པའི་གནས་བརྟན་རྣམས་བསྟན་པའི་བདག་པོར་སོང་རབ་བྱུང་སྟོང་ཚོ་བརྒལ་བ་གང་དུ་འདུས་པའི་གཞིར་དངོས་སུ་ཕེབས་ཏེ་བསྟན་པའི་བྱ་བ་མཛད་ཚུལ་གསུང་རབ་ཁག་གི་ནང་དངོས་སུ་གསལ་བ་ལྟར། བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་རྗེས་ འཕགས་པའི་གནས་བརྟན་རྣམས་བསྟན་པའི་བདག་པོ་འགྲོ་བའི་རྣམ་འདྲེན་ཆེན་པོ་དང་གཉིས་སུ་མ་མཆིས་སྟབས་བོད་ཀྱི་དགོན་སྡེ་ཕལ་ཆེ་བར་གནས་བརྟན་བཅུ་དྲུག་གང་རུང་གི་སྐུ་བརྙན་ཞིག་ངེས་པར་དུ་བཞེངས་སྲོལ་ཡོད།

དེ་ལྟར་གནས་བརྟན་བཅུ་དྲུག་དང་འབྲེལ་བའི་བསོད་སྙོམས་རྒྱུ་འབུལ་གྱི་ལམ་སྲོལ་སྐྱོང་དགོས་པའི་གནད་དོན་ནི། བདག་ཅག་གི་སྟོན་པའི་ལུང་རྟོགས་ཀྱི་ཆོས་ཚུལ་རྣམ་གཉིས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་གཙོ་བོ་དགེ་འདུན་གྱི་སྡེ་འཕེལ་ཞིང་མཁའ་ཁྱབ་འགྲོ་བ་ཀུན་གྱི་བསམ་དོན་ཆོས་བཞིན་འགྲུབ་པའི་ཕྱིར་དུ་ཡིན།

༡༽ གནས་བརྟན་རྣམས་ཀྱི་སེར་སྦྲེང་གོ་སྒྲིག་གཏེར་སྒར་འདུ་ཁང་ནང་མཛད་ཅིང་། དགེ་འདུན་པ་རྣམས་ནས་གནས་བརྟན་སོ་སོའི་ ན་བཟའ་མནབ་བཞིན་པ།

 

༢༽ དེ་ནས་གནས་བརྟན་རྣམས་རང་རང་སོ་སོའི་དགྲ་བཅོམ་གྱི་འཁོར་དང་ལྷན་དུ་ཁ་ཁུ་སིམ་པོས་དགོངས་པ་ནན་ཏན་གྱི་སྒོ་ནས་བཞུགས་ཤིང་། སེར་སྦྲེང་དངོས་གཞིའི་སྐབས་ཆོས་ཕྱོགས་དང་མཐུན་པའི་གརའཆམས་ཀྱི་སྣང་བ་དང་མཚུངས་པའི་དཔལ་ཉམས་སུ་མྱོང་བར་བྱེད།

 

༣༽ གནས་བརྟན་རེ་རེ་ནས་ཞལ་འབག་མི་འདྲ་བ་རེ་མནབས།

 

༤༽ གནས་བརྟན་རྣམས་ཀྱི་ཞལ་འབག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་མཛད་པའི་གནས་བརྟན་གྱི་འདྲ་རིས་ལ་གཞི་བཅོལ་ནས་གསར་སྐྲུན་ཞུས་པ་ཞིག་ཡིན། འཕགས་པའི་གནས་བརྟན་རྣམས་དངོས་སུ་འཕགས་ཡུལ་ནས་བྱོན་པ་འབའ་ཞིག་ཡིན་ཡང་རི་མོའི་བཀོད་པ་ནི་རྒྱ་ལུགས་སུ་མཛད་ཡོད།

 

༥༽ འཕགས་པའི་གནས་བརྟན་རྣམས་གཏེར་སྒར་འདུ་ཁང་ནང་རུ་སྒྲིག་གིས་སེར་སྦྲེང་ཕྱིར་དབུ་འཛུགས་གོ་སྒྲིག་མཛད་བཞིན་པ།

 

༦༽ འཕགས་པའི་གནས་བརྟན་དང་དེ་དག་གི་འཁོར་དགྲ་བཅོམ་རྣམས་ཡིད་དུ་འོང་བའི་མེ་ཏོག་ཁ་དོག་སྣ་ཚོགས་གཏོར་བའི་སྟན་གྱི་སྟེང་དུ་བཞུད་ཅིང་། ཆོས་རའི་ནང་ཁོང་རྣམས་བྱོན་ལ་ཉེ་སྐབས་དབུ་མཛད་ནས་གནས་བརྟན་ཕྱག་མཆོད་ཀྱི་ཞལ་འདོན་དབུ་སྐུལ་མཛད།

 

༧༽ གནས་བརྟན་དང་པོ་ནི་འཕགས་པ་གནས་བརྟན་ཡན་ལག་འབྱུང་སྟེ། ཁོང་གི་ཕྱག་མཚན་ནི་སྤོས་ཕོར་དང་རྔ་ཡབ་འཛིན་པ་ཡིན། གང་གི་ཞབས་འབྲིང་ནས་དབུ་ཐོག་ཏུ་གསེར་གདུགས་ཕུབ་སྟེ་གཤེགས་བཞིན་པ།

 

༨༽ འཕགས་པ་གནས་བརྟན་གསེར་བེའུ། ཕྱག་ན་རིན་ཆེན་ཞགས་པ་འཛིན།

 

༩༽ འཕགས་པའི་གནས་བརྟན་རྣམས་རང་རང་གི་འཁོར་དགྲ་བཅོམ་རྣམས་དང་། དེ་བཞིན་དགེ་སློང་རྣམས་ལྷུང་བཟེད་ཕྱག་གཡོན་གྱིས་བཟུང་ཞིང་གཡས་ཀྱིས་ལེགས་པར་སྐྱོར་བར་བྱེད་ཅིང་ངག་ནས་བདག་ཅག་གི་སྟོན་པའི་མཚན་སྔགས་བྱིན་ཅན། ཨོཾ་མུ་ནིམུ་ནི་མཧཱ་མུ་ནི་ཡེ་སྭཱཧ། ཞེས་བཟླ་བཞིན་དུ་དལ་གྱིས་གོ་རིམ་བཞིན་བཞུད།

 

༡༠༽ འཕགས་པའི་གནས་བརྟན་རྣམས་བཙུན་མ་རྣམས་ཀྱིས་ལག་ཏུ་བདུག་སྤོས་དང་རྒྱལ་མཚན་ཐོགས་ཏེ་མདུན་བསྐྱོད་ཀྱིས་ཕེབས་བསུ་ཞུ་བཞིན་པ།

 

༡༡༽ བྱོན་ལམ་དུ་དད་ལྡན་རྣམས་སྒྲེང་སྟེ་ལག་ཏུ་སྲིད་ན་རིང་བའི་དར་དཀར་དང་། བྱོན་རིམ་བཞིན་འཕགས་པའི་གནས་བརྟན་རྣམས་ནས་ཞལ་ཅུང་ཙམ་ཡང་ཡང་སྒྱུར་ཏེ་འགྱིངས་སྟབས་མཛད་པ་ནི་དད་ལྡན་རྣམས་ལ་དུས་གསུམ་རྒྱལ་བ་རྣམས་ཀྱི་འཕྲིན་ལས་ཀྱི་བྱེད་པོ་ཡིན་པ་མཚོན་པའི་སླད་དུའོ།།

 

༡༢༽ གནས་བརྟན་ཆེན་པོ་ཀླུ་ཡི་སྡེས། ཕྱག་ན་འཁར་གསིལ་བུམ་པ་ཐོགས།

 

༡༣༽ འཕགས་པའི་གནས་བརྟན་ཆེན་མོ་རྣམས་སྨོན་ལམ་ཆོས་རའི་ནང་འཛུལ་ཞུགས་བགྱིད་བཞིན་པ།

 

༡༤༽ སྨོན་ལམ་ཆོས་རའི་སྟེང་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་དབུས། མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། མཁན་པོ་དང་སློབ་དཔོན། དགེ་སློང་དང་དགེ་སློང་མ་ཐམས་ཅད་ནས་གུས་པ་ཆེན་པོས་བཞེངས་སྟབས་ཀྱིས་འཕགས་པའི་གནས་བརྟན་རྣམས་ཀྱི་གུས་བསུ་ཞུ་བཞིན་པ།

 

༡༥༽ འཕགས་པ་གནས་བརྟན་བ་ཀུ་ལའི། ཕྱག་གཡོན་སྲོག་ཆགས་ནིའུ་ལེ་ཐོགས

 

༡༦༽ འཕགས་པ་གནས་བརྟན་རཱ་ཧུ་ལ། ཕྱག་ན་རིན་ཆེན་པྲོག་ཞུ་འཛིན།

 

༡༧༽ འཕགས་པའི་གནས་བརྟན་རྣམས་དལ་གྱིས་ཆོས་རའི་གར་སྟེགས་ཀྱི་ཕྱོགས་སུ་སྟན་དམར་མེ་ཏོག་དམར་སེར་གྱིས་བརྒྱན་པའི་སྟེང་ཕྱོགས་བཞིན་པ།

 

༡༨༽ སྟོན་པའི་བཞེངས་སྟབས་ཀྱི་སྐུ་བརྙན་དེ་ཉིད་བླ་གབ་མེད་པའི་རླངས་འཁོར་གྱི་སྟེང་སེར་སྦྲེང་གི་ཚུལ་དུ་རབ་བྱུང་རྣམས་ནས་དུང་རྒྱ་སྤོས་སྣས་བྱོན་བསུ་གཟབ་རྒྱས་ཞུས།

 

༡༩༽ འཕགས་པའི་གནས་བརྟན་རྣམས་ཆོས་རའི་སྟེང་ཞབས་སྟེགས་སྒྲོན་པ་ལྟར་རང་རང་གི་ཞབས་སྟེགས་སྟེང་བཞུགས།

 

༢༠༽ སྟོན་པའི་བཞེངས་སྟབས་ཀྱི་སྐུ་བརྙན་དེ་ཉིད་དམིགས་བསལ་མཆོད་གཤོམ་གོ་སྒྲིག་ཞུས་པ་ཞིག་གི་ནང་བཞུགས།

 

༢༡༽ མཆོད་དཔོན་འོད་གསལ་སྙིང་པོ་ནས་སྨོན་ལམ་ཉི་ཤུ་པ་ལས་ཁྲུས་གསོལ་ཡན་ལག་གི་ཆོ་ག་བགྱིད་སྐབས་དགེ་འདུན་འདུས་པ་ཡོངས་ནས་ཁྲུས་གསོལ་གྱི་འདོན་པ་ལྷན་དུ་འདོན་བཞིན་པ།

 

༢༢༽ དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་འཛིན་སྐྱོང་ལས་ཁུངས་ཏེ་མཚུར་ཕུ་བླ་བྲང་ནས་ཐོག་མར་འཕགས་པའི་གནས་བརྟན་རྣམས་ལ་འབུལ་བ་བསྟབས་ཤིང་དེ་མཇུག་རྒྱལ་ཚབ་བླ་བྲང་ནས་བསོད་སྙོམས་འབུལ།

 

༢༣༽ དད་ལྡན་ཁྱིམ་པ་ཕོ་མོ་རྣམས་ནས་གར་སྟེགས་ཀྱི་མདུན་ཕྱོགས་སུ་གོ་སྒྲིག་ཞུས་པའི་ཟངས་ཀྱི་ཚོགས་ཁྲོ་ཆེས་ཆེ་བ་ཞིག་གི་ནང་བསོད་སྙོམས་ཀྱི་འབུལ་བ་རྣམས་གཤོམ་བཞིན་པ།

 

༢༤༽ མཐར་གནས་བརྟན་རྣམས་ཆོས་ར་ལས་བཞེངས་ཏེ་བྱོན་པ།

 

༢༥༽ དགེ་སློང་དང་དགེ་སློང་མ་རྣམས་ཆོས་རའི་གར་སྟེགས་སྟེང་གུང་ཚིགས་གསོལ་ཕྱིར་དལ་གྱིས་བཞུད་པ། ཕྲན་བསྟན་འཛིན་རྣམ་རྒྱལ་གྱིས་རྒྱ་བོད་དབྱིན་གསུམ་གཅིག་མཚུངས་འབྱུང་ཕྱིར་དབྱིན་ཡིག་ལས་ཐད་སྒྱུར་ཞུས།