KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རས་ཆོས་བཤར་བ།

རས་ཆོས་བཤར་བ།

ས་གནས། རྡོར་གདན་གཏེར་སྒར་དགོན་དང་། བཀའ་བརྒྱུད་སྨོན་ལམ་ཆོས་ར།
དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༠ ཉིན།

རས་ཆོད་བཤར་བའི་ལམ་སྲོལ་འདི་ཉིད་བཀའ་བརྒྱུད་པའི་རབ་བྱུང་གང་ཞིག་སྒྲུབ་ཁང་ནང་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་བསྡམས་ཟིན་ པ་ཁོ་ནའི་ཕྱིར་ཡིན། རས་འབུད་འདི་ཉིད་ནི་ནཱ་རོ་ཆོས་དྲུག་གི་ནང་གསེས་གཏུམ་མོའི་ཉམས་ལེན་མཚོན་བྱེད་ཅིག་དང་། འདི་ཉིད་བཀའ་བརྒྱུད་ སྨོན་ལམ་གྱི་ཉིན་བདུན་པའམ་ཉིན་མཐའ་མའི་ཉིན་མཛད་ཅིང་། འདི་ཉིད་སྨོན་ལམ་གྱི་ཆ་ཤས་སུ་ཟླ་སྒྲིལ་མཛད་པོ་དཔལ་༸རྒྱལ་དབང་ཀརྨ་པ་ མཆོག་ནས་ཕྱི་ལོ་ ༢༠༡༧ ཟླ་བ་གཉིས་པའི་ནང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་སྐབས་དབུ་འཛུགས་བསྐྱངས། དེ་ཡང་སྔར་༸རྒྱལ་ མཆོག་བདུན་པ་རྗེ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་སྲོལ་གཏོད་མཛད་པ་ཞིག་ཡིན།
ནཱ་རོ་ཆོས་དྲུག་འབྲེལ་བའི་རས་འབུད་བཤར་སྐབས་ན་བཟའ་དཀར་པོ་མནབ་པའི་ལམ་སྲོལ་ཡོད། གཏུམ་མོའི་ཉམས་ལེན་ནི་གྲང་ངར་ལ་མི་ བསྙེངས་པའི་ཉམས་ལེན་མཚོན་པའི་ཕྱིར་དང་། གཏུམ་མོའི་ཉམས་ལེན་པ་ཚོས་རས་གོས་གྱོན་པའི་སྲོལ་ཡོད་ཅིང་། བོད་དུ་རྗེ་མི་ལ་ནས་དར་ ཏེ་དེ་མཇུག་རས་པའི་རྒྱུན་རླབས་ཆེར་འཕེལ། རས་དཀར་གྱོན་པ་པོ་རྣམས་ལ་རས་པ་ཞེེས་བརྗོད་ཅིང་། རས་དཀར་མནབ་པ་བཀའ་བརྒྱུད་ པ་ལ་ཤས་ཆེ་ཡང་རྗེ་སྒམ་པོ་པ་རབ་བྱུང་ཡིན་པས་རྒྱུན་དུ་ངུར་སྨྲིག་གི་གོས་ཀླུབས་པ་ལས་རས་དཀར་མི་བཞེས། འོན་ཏང་གཏུམ་མོའི་ཉམས་ ལེན་གྱི་དུས་སུ་སྐབས་རེ་རས་གོས་དཀར་པོའང་མནབ་སྲོལ་ཡོད། 

དེར་བརྟེན་ལོ་ལྟར་ཆོ་འཕྲུལ་ཟླ་བ་སྟེ་མཆུ་ཟླའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་གོས་དཀར་པོ་མནབ་སྟེ་གཤེགས་སྲོལ་ཡོད། དེ་ནི་ཚེས་ བཅུ་བཞིར་སྒྲ་བསྒྱུར་གྱི་རྒྱལ་པོ་རྗེ་མར་པ་དང་ཚེས་བཅོ་ལྔར་གངས་ཅན་གྲུབ་པའི་རྒྱན་གཅིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ ལ་རས་པའི་འདས་མཆོད་མཚོན་པའི་སླད་དུ་ཡིན། སྤྱིར་གོང་གསལ་དུས་ཡུན་ལྟར་ཡིན་ཡང་བཀའ་བརྒྱུད་སྨོན་ལམ་གྱི་དུས་ཡུན་ནི་མགོ་ཟླ་ དང་། རྒྱལ་ཟླ། མཆུ་ཟླ་སོགས་སྣ་ཚོགས་འཁེལ་སྲིད། བོད་ཀྱི་དགོན་སྡེ་འགའི་ནང་རས་ཆུར་སྦངས་ཤིང་རློན་པ་བཟོས་ཏེ་ཕེབས་སྲོལ་ཡོད།  སྒྲུབ་བླ་རྣམས་རས་ཆོད་དུ་ཕེབས་སྐབས་སྒོམ་ཞྭ་ཞྭ་ཁྲ་དང་། རས་གཟན། ཨང་འགའ་རག་དང། སྒོམ་ཐག་རྣམས་མནབས་ཏེ་རས་ཆོད་བཤར་ དགོས། དེ་ལྟར་མཛད་དགོས་དོན་ནི་ནཱ་རོ་ཆོས་དྲུག་གི་ཉམས་ལེན་དང་རྒྱུན་དུ་ཞལ་མི་འབྲལ་བའི་སླད་དང་། རང་རེ་སྒྲུབ་བརྒྱུད་པའི་རྗེས་ འཇུག་ཡིན་སྟབས་དེ་ཉིད་ཀྱི་ཉམས་ལེན་རྒྱུན་མ་ཆད་པར་སྐྱོང་བའི་མཚོན་བྱེད་ཀྱི་སླད་དུ་འདི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སོ་དྲུག་ པར་ཡང་རས་འབུད་ལ་སྔ་ལོ་ལྟར་བཞུད། 

དེའི་རྒྱབ་ལྗོངས་ནི་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་དཔལ་ལྡན་ཀརྨ་པའི་གྲྭ་རྒྱུན་དུ་གཏོགས་པ་མི་ཉག་རབ་སྒང་པ་རྣམས་ལ་སྨོན་ལམ་ཆོས་ འཁོར་སྦྲེལ་མར་བྱ་ཚུལ་གྱི་བཅའ་ཡིག་སྩལ་བའི་ནང་། རས་འབུད་བྱས་ན། ནཱ་རོ་དང་ནི་གུ་ཁྱད་མེད་ཀྱང་། ནཱ་རོའི་ཁྱད་ཆོས་ཡིན་པས། ནཱ་རོའི་ ཆོས་དྲུག་གི་སྟེང་དུ་བཤར་རོ། ཞེས་གསལ་བ་ནི། སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་བྱ་བ་ཡིན་ཕྱིར། རང་རེས་ ཀྱང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པ་ནས་དབུ་འཛུགས་ཀྱིས་ལོ་བསྟར་ཆགས་སུ་རྒྱུན་སྐྱོང་བ་ལྟར་འདི་ལོ་རས་ཆོད་ཐེངས་གསུམ་པ་ཡིན། ལོ་གསུམ་ཆོས་གསུམ་གྱི་སྒྲུབ་པ་མཐར་སོན་པ། ནཱ་རོའི་ཆོས་དྲུག་གི་སྒྲུབ་པ་སྔོན་སོང་། སྐྱ་སེར་གཉིས་ལས་སེར་མོ་བ། རབ་བྱུང་ཕོ་མོ་གཉིས་ ལས་ཕོ། ལོ་གྲངས་དྲུག་ཅུ་མ་ཟིན་པ་ཐམས་ཅད་དང་། དགོན་སྡེ་སོ་སོའི་སྒྲུབ་དཔོན་བླ་མ་བཅས་ལྷན་དུ་ཞུགས་དགོས་པ་ཡིན། དེར་བརྟེན་གཏེར་ སྒར་འདུ་ཁང་ཚོམས་ཆེན་ནང་འདི་ལོར་ཕྱི་ལོ་ ༢༠༡༩ ཟླ་བ་ ༡ ཚེས་ ༡༣ ནས་ཚེས་ ༡༩ བར་ཉིན་བདུན་རིང་སྲོད་ཀྱི་དུས་ཚོད་བརྒྱད་པ་ནས་ བཅུ་གཅིག་བར་ནཱ་རོའི་ཆོས་དྲུག་གི་འཁྲུལ་འཁོར་བསྐྱར་སྦྱོང་གྲུབ་སྟེ། སྨོན་ལམ་ཉིན་བདུན་པའི་ཐོ་རངས་དུས་ཚོད་ལྔ་པ་ཙམ་སྟེ་རས་འབུད་མ་ བཤར་གོང་བླ་མཆོད་སྒྲུབ་པའི་མཆོད་པ་འབུལ་སྐབས་རྟེན་འབྲེལ་སྙིང་པོའི་མགུར་གླུ་གསུངས་མཇུག་སྒྲུབ་བླ་རྣམས་རིམ་གྱིས་གཤེགས། །


༡༽ གཏེར་སྒར་དགོན་གྱི་སྒོ་མཆོར་གྱི་ཕྱི་ཕྱོགས་སུ་ཟངས་ཀྱི་ཁྲོ་ཆེན་ཆུས་བཀང་བ་ཞིག་གི་ནང་མེ་ཏོག་གི་འདབ་མས་རབ་ཏུ་གཏམས་ཏེ་འཇོག་ པར་བྱེད།

 

༢༽ སྒྲུབ་བླ་རྣམས་གཏེར་སྒར་འདུ་ཁང་ནང་ནས་ཕེབས་ཐོན་སྐབས་སྤོས་སྣེ་བ་གསུམ་གྱིས་དང་བ་ཆེན་པོས་གདན་འདྲེན་པར་བྱེད།

 

༣༽ སྒྲུབ་བླ་རྣམས་ན་བཟའ་དཀར་པོ་མནབས་པ་དང་། ཞབས་རྗེན་པར་བཞུད་ཅིང་སྒྲུབ་བརྒྱུད་ཀྱི་ཐུན་མིན་སྒོམ་ཞྭ་ཐོགས་པར་བྱེད།

 

༤༽ རབ་བྱུང་གི་ན་བཟའ་འབུད་ཅིང་རས་དཀར་དེ་ཉིད་ཐོག་མར་ཆུའི་ནང་ལེགས་པར་སྦངས་རྟིང་ལུས་ལ་མནབ་པར་བྱེད།

 

༥༽ རས་དཀར་དེ་ཉིད་ཆུའི་ནང་ལེགས་པར་སྦང་བཞིན་པ།

 

༦༽ རས་དཀར་ནང་དུ་སྒྲུབ་བླ་རྣམས་ནས་ཆུ་རས་ཀྱི་སྟེང་དུ་རྣལ་འབྱོར་པའི་དོར་མ་ཨང་འགའ་རག་གསོལ་བར་བྱེད།

 

༧༽ སེར་སྦྲེང་དེ་བཞིན་ཐོག་མར་གཏེར་སྒར་དགོན་ལ་ཞབས་སྐོར་བསྐྱོན་ཏེ། དེ་མཇུག་རུམ་བཏེག་དགོན་གྱི་སྒྲུབ་དཔོན་བླ་མ་མཆོག་དང་བཤད་ གྲྭའི་སྤྱི་ཁྱབ་མཁན་པོ་སྐལ་བཟང་ཉི་མ་རྣམ་གཉིས་ནས་དབུ་འཁྲིད་པར་མཛད་བཞིན་པ།

 

༨༽ ཞབས་རྗེན་པར་ཞབས་ཐང་དུ་བྱོན་སྐབས་ལག་གཉིས་དཔྱི་མགོར་གཟེར་ཞིང་དཔུང་གིས་ལུས་བསྲངས་ཤིང་འདྲོང་བར་བྱེད།

 

༩༽ གཏེར་སྒར་རྒྱལ་སྒོ་བརྒྱུད་དེ་ལམ་གཞུང་དུ་བཞུད་བཞིན་པ།

 

༡༠༽ རབ་བྱུང་དང་ཤར་ནུབ་ཀྱི་ཁྱིམ་པ་ཕོ་མོ་རྣམས་ནས་ལག་ཏུ་ཁ་བཏགས་དཀར་སེར་སྣ་ཚོགས་ཐོགས་ཤིང་སྒྲུབ་བླ་བ་རྣམས་ལ་གུས་བཀུར་ མཚོན་ཕྱིར་ཕེབས་ལམ་གྱི་གཡས་གཡོན་གཉིས་སུ་ཕེབས་སྒུག་ཞུ་བཞིན་པ།

 

༡༡༽ སྒྲུབ་བླ་རྣམས་ཀྱི་སེར་སྦྲེང་དེ་བཞིན་བཀའ་བརྒྱུད་སྨོན་ལམ་གྱི་བྱོན་ལེགས་རྒྱལ་སྒོའི་ཤོད་ནས་ཕེབས་ཤིང་དད་ལྡན་པ་རྣམས་ཀྱི་བསྟར་ སྒྲིག་བརྒྱུད་དལ་གྱིས་བཞུད་བཞིན་པ།

 

༡༢༽ སྒྲུབ་བླ་རྣམ་པ་རེ་རེ་བཞིན་ལམ་ཟུར་དུ་སྒྲེང་བའི་དད་ལྡན་པ་རྣམས་ཀྱི་མདུན་ཕྱོགས་སུ་ཞལ་ཡང་ཡང་ཕྱོགས་ཤིང་མང་ཚོགས་ལ་སྒྲུབ་ པ་བགྱིས་པའི་གྲུབ་འབྲས་ཀྱི་རྔམ་སྟོན་ལེགས་པར་ངོམ་བཞིན་པ།

 

༡༣༽ རས་འབུད་པ་རྣམས་བཀའ་བརྒྱུད་སྨོན་ལམ་ཆོས་རར་མ་ཕེབས་བར་བྱོན་ལམ་དུ་མི་ཚོགས་དུ་མས་དད་གུས་ཀྱིས་ཕེབས་སྒུག་ཞུ་ བཞིན་པ།

 

༡༤༽ སྨོན་ལམ་ཆོས་རའི་དབུས་སུ་བཏིང་བའི་སྟན་དམར་སྟེང་རས་འབུད་པ་རྣམས་གྲལ་བསྟར་དུ་བཞུད་བཞིན་པ།

 

༡༥༽ ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་གཡོན་ཕྱོགས་སུ་སྨོན་ལམ་ཆོས་རའི་དོ་རའི་སྟེང་རས་འབུད་པ་རྣམས་ཀྱི་བཞུགས་སྟན་གོ་ སྒྲིག་བགྱིད་ཡུལ་དུ་བཞེངས་སྟབས་སུ་གནས་པ།

 

༡༦༽ སྨོན་ལམ་ཉི་ཤུ་པའི་ཞལ་འདོན་དབུ་ཚུགས་སྐབས་རང་གནས་སུ་བཞུགས་པ།

 

༡༧༽ སྒྲུབ་བླ་བ་རྣམ་པ་རང་རང་གི་གྲུབ་འབྲས་ལ་ངོས་འཛིན་གྱི་དགའ་སྟོན་མཛད་པ།